...

No. 9

November 2024

དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ། བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཐབ་བྱུས།



 

ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་མཐུད་པའི་གཞུང་ལམ། (ཁུངས: Wikipedia)

ལག་བསྟར་སྙིང་བསྡུས།

  • བོད་རང་སྐྱོང་ལྗོངས་ཀྱི་ནང་དུ་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་འཛུགས་སྐྲུན་ལས་གཞི་སྤེལ་བ་ནི་རྒྱ་ཧན་མི་རིགས་རུབ་སྡོད་ལ་གཙོ་བོར་དམིགས་པ་ཞིག་ཡིན་ཞིང་། སྲིད་བྱུས་དེས་ས་གནས་སུ་བློ་བག་མི་ཕེབས་པའི་རྐྱེན་རྩར་གྱུར་ཡོད། ས་གནས་བོད་མིའི་དཔལ་འབྱོར་གྱི་དབང་ཆ་ཕལ་ཆེ་བ་ (སོ་ནམ་འདེབས་ལས་དང་སྒོ་ཕྱུགས་གསོ་སྐྱོང་ཚན་པ་ཕུད་) རྒྱ་ཧན་མི་རིགས་ཀྱི་ལག་ཏུ་ཤོར་བ་དང་། བོད་ཀྱི་གྲོང་ཁྱེར་ཆེ་ཁག་གི་ས་ཁུལ་མང་པོའི་ནང་བོད་རིགས་ལས་རྒྱ་མི་རིགས་མི་འབོར་ཆེ་བ་ཆགས་ཡོད།
  • རྒྱ་ནག་གི་ས་ཁུལ་གཞན་ནས་བོད་རང་སྐྱོང་ལྗོངས་ས་གནས་སུ་ཕྱི་ཟོང་ནང་འདྲེན་གྱི་ལས་དོན་ཐོག་དོ་དམ་སྟངས་འཛིན་ལས་ཁུངས་ཆེད་འཛུགས་ཀྱིས། ས་གནས་ཀྱི་སྲོལ་རྒྱུན་ཚོང་འབྲེལ་ལམ་ལུགས་ཀྱི་ཚབ་ཏུ་དངོས་ཟོག་ཕྱི་ཚོང་དང་། འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད། ཡར་ཐོན་ཆེ་བའི་འཕྲུལ་རིག་འཛུགས་སྐྲུན་གྱི་ཚོང་ལས་ཐོན་སྐྱེད་འཕེལ་རྒྱས་གཏོང་ཐབས་བྱེད་བཞིན་ཡོད།
  • རྒྱ་དཀར་ནག་གི་ས་མཚམས་སུ་ལྷིང་འཇགས་མེད་པའི་གནས་སྟངས་འོག ད་ལྟའི་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཚོང་ནི་བལ་ཡུལ་གཅིག་པུར་ཚད་བཀག་བྱས་ཡོད། བོད་རང་སྐྱོང་ལྗོངས་དང་རྒྱ་ནག་གི་ཞིང་ཆེན་གཞན་དབར་མཐུད་རྒྱག་མཁན་ཟི་ཁྲོན་དང་བོད་དབར་གྱི་ས་མཐོའི་མེ་འཁོར་ལྕགས་ལམ་དང་གཞུང་ལམ་འཛུགས་སྐྲུན་ཐོག་འགོག་རྐྱེན་འཕྲད་བཞིན་པ་དེས། བོད་རང་སྐྱོང་ལྗོངས་དེ་བཞིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཁུལ་གཞན་དང་ཟླ་སྒྲིལ་གཏོང་རྒྱུར་ད་དུང་དུས་ཚོད་འགོར་རྒྱུ་ཡིན་པའི་ཚོད་དཔག་ཐུབ།
  • རྒྱ་བལ་འབྲུག་གསུམ་གྱི་ས་མཚམས་འགྲིམ་འགྲུལ་ས་ཚིགས་ཁག་ཏུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྲིད་བྱུས་དེ་འབྲེལ་ཆེད་མངགས་གྲོང་ཚོ་གསར་རྒྱག་གི་ལས་གཞི་སྤེལ་བཞིན་ཡོད། དེའི་དགེ་མཚན་ནི་ས་མཚམས་ཁག་ཏུ་རྩོད་རྙོག་བྱུང་སྐབས་གོ་ཉིས་ཆོད་ཀྱི་ཕན་རླབས་བྱུང་བ་ནི་ཉེ་བའི་ལོ་ཤས་ནང་རྒྱ་དཀར་ནག་གི་ས་མཚམས་རྩོད་རྙོག་སྐབས་ར་འཕྲོད་གསལ་པོ་བྱུང་ཡོད།

ཕྱི་ཟླ་དྲུག་པའི་ནང་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཝང་ཇུན་ཀྲིང་ (王君正) ཁོ་པས་ལྷ་ས་གྲོང་ཁྱེར་གྱི་སྟོད་ལུང་བདེ་ཆེན་རྫོང་ (堆龙德庆区) གི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་ (Lhasa ETDZ, 国家级 拉萨经济技术开发区) ནང་ལྟ་སྐོར་དུ་བསྐྱོད་པ་རེད། སྐབས་དེར་ཁོ་པས་ས་གནས་ཀྱི་ལས་བྱེད་པ་ཚོར་ས་ཁུལ་གྱི་ཚོང་ལས་ཡར་རྒྱས་གཏོང་ཆེད་ས་མཚམས་བརྒལ་བའི་དྲ་རྒྱའི་ཚོང་ལས་དང་། བོད་ཀྱི་ཐོན་རྫས་ཕྱི་ལ་འཐོན་ཐབས་བྱ་རྒྱུ། དེ་བཞིན་ས་གནས་ཀྱི་ཕྱི་ཚོང་གི་འཕེལ་རྒྱས་ཀྱི་འབྱུང་ཁུངས་གསར་པ་བསྐྲུན་དགོས་པའི་བཀོད་མངགས་གནང་ཡོད། (ལྷ་སའི་ཉིན་རེའི་ཚགས་ཤོག་ ཟླ་ ༦ ཚེས་༡༣) ཝང་གི་གཟིགས་སྐོར་གྱི་གནས་ཚུལ་ནང་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་དང་། ཕྱི་ཚོང་རྒྱ་སྐྱེད་གཏོང་རྒྱུ་དེ་ས་གནས་འཕེལ་རྒྱས་ཀྱི་སྐུལ་འདེད་ནུས་པར་དམིགས་པའི་སྲིད་བྱུས་གཙོ་གནད་ཅིག་མཚོནཐུབ།

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་འདས་པའི་མི་ལོ་ངོ་བཅོ་ལྔའི་རིང་བོད་ཀྱི་དཔལ་འབྱོར་བསྐྱར་སྒྲིག་བྱེད་རྒྱུའི་འབད་བརྩོན་བྱས་པ་དང་། ཕྱི་ལོ་ ༢༠༠༨ ལོར་ངོ་རྒོལ་རྔམ་སྟོན་གྱིས་རྐྱེན་པས་གཞུང་གི་སྲིད་བྱུས་ལ་འགྱུར་བ་བཏང་སྟེ་རྒྱལ་ནང་གི་བདེ་འཇགས་ཐད་མ་རྩ་ཕོན་ཆེ་རུ་བཏང་སྟེ། སྤྱི་ཚོགས་དང་རིག་གཞུང་ཐོག་དམ་བསྒྲགས་ཤུགས་ཆེར་བཏང་བ་རེད། (རྒྱ་ནག་གནས་བསྡུས་ ༢༠༠༨ ཟླ་ ༥ ཚེས་ ༡༣ དང་། ༢༠༡༧ ཟླ་ ༩ ཚེས་ ༢༡། ༢༠༢༠ ཟླ་ ༩ ཚེས་ ༢༢ བཅས་ལ་གཟིགས།)

སྤྱིར་ ༡༩༩༠ ནས་བཟུང་ལྗོངས་ཡོངས་ཀྱི་ཡར་རྒྱས་ཚད་གཞི་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་སྤྱི་སྙོམས་ཡར་རྒྱས་ཚད་གཞི་ལས་མཐོ་བ་བྱུང་སྐོར་ཐོ་འགོད་བྱས་པ་དང་། དེ་ནི་དབུས་གཞུང་གིས་གུན་གསབ་ཧ་ཅང་ཕོན་ཆེས་ཁ་གསབ་བྱས་པའི་འབྲས་བུ་ཞིག་རེད། [1] ཕྱི་ལོ་ ༢༠༠༨ ནས་བཟུང་སྲིད་གཞུང་གིས་ཡུལ་སྐོར་སྤྲོ་འཆམ་དང་། གཏེར་ཁ་སྔོག་འདོན། བཟོ་གྲྭ་གསར་འཛུགས་ཐོག་དམིགས་བསལ་ཤུགས་གནོན་བརྒྱབ་སྟེ་ས་གནས་བོད་མིའི་དཔལ་འབྱོར་ཡར་རྒྱས་ཐོག་ཕན་གྲོགས་བྱེད་ཐུབ་པའི་ནུས་པ་ཡོད་ཀྱང་ཚད་གཞི་ངེས་ཅན་ལས་བྱེད་མེད། ཞིང་ཆེན་གྱི་ཆབ་སྲིད་འགོ་ཁྲིད་པ་ཚོས་བོད་ནང་ཡར་རྒྱས་ལས་གཞི་མང་པོ་ཞིག་རྒྱ་ནག་སྐམ་སའི་ཞིང་ཆེན་ཆེ་ཁག་ནང་གི་འཛུགས་སྐྲུན་ཡར་རྒྱས་སྲིད་བྱུས་པར་འགེབ་ལག་བསྟར་བྱེད་བཞིན་ཡོད། (内地)

དར་ཁྱབ་ཇེ་ཆེར་འགྲོ་བཞིན་པའི་འཐབ་བྱུས་དེའི་ཁྱད་ཆོས་གཙོ་བོ་ནི། དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་འཛུགས་རྒྱུ་དེ་རེད། (经济技术开发区) དེའི་དགོས་པ་ནི་ཕྱི་ནས་མ་རྩ་འཛུགས་མཁན་འགུགས་རྒྱུ་དང་། ཕྱི་ཚོང་རྒྱ་སྐྱེད། བཟོ་གྲྭ་གསོ་སྐྱོང་བྱ་རྒྱུ་བཅས་རེད། ཕྱི་ལོ་ ༢༠༡༣ ལོར་ཆབ་མདོ་གྲོང་ཁྱེར་ (昌都市) ནང་དུ་ཞིང་ཆེན་རིམ་པའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་བཙུགས་པ་དང་། ༢༠༡༨ ལོར་ལྷོ་ཁར་ (山南 市) ༢༠༡༩ ལོར་བལ་ཡུལ་ས་མཚམས་གཞིས་ཀ་རྩེ་(日喀则市) དང་། ཉིང་ཁྲི་ (林芝市) ནང་བཙུགས་པ་རེད།

 (རེའུ་མིག་དང་པོར་གཟིགས) ཨུ་ཡོན་ལྷན་ཁང་གིས་ ༢༠༠༡ ལོར་ལྷ་སར་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གསར་འཛུགས་བྱས། (ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་ཚན་པ་ [SCIO] ༢༠༠༡ ཟླ་བ་དགུ་པའི་ཚེས་ ༡༩)

དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གསར་པས་བཟོ་གྲྭ་རྒྱ་སྐྱེད་དང་། གྲོང་ཁྱེར་དང་གྲོང་གསེབ་གྱི་བར་ཁྱད་ཆུང་དུ་གཏོང་རྒྱུར་ཕན་གྲོགས་བྱེད་ཅིང་། གྲོང་གསེབ་ཀྱི་ས་ཁུལ་གྲོང་ཁྱེར་ཅན་དུ་བསྒྱུར་བ་དང་། ཕྱིར་ཚོང་དམིགས་པའི་བཟོ་ལས་རྒྱ་སྐྱེད། སོ་ནམ་དང་འབྲོག་ལས་ཐོན་རྫས་ཚོང་འགྲེམས། ཡུལ་སྐོར་སྤྲོ་འཆམ་བཅས་བརྒྱུད་ནས་སྲིད་བྱུས་ཀྱི་དམིགས་ཡུལ་གཞན་དག་བསྒྲུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད།

ས་ཁུལ་ཟླ་སྒྲིལ་གཏོང་ཆེད་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་བཙུགས་པ།

བོད་རང་སྐྱོང་ལྗོངས་ནང་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གསར་འཛུགས་བྱས་པ་དེ་ནི་རྒྱལ་ཡོངས་ཀྱི་ཐབས་བྱུས་ཤིག་ཡིན་ལ། ཐབས་བྱུས་དེ་ཕྱི་ལོ་ ༡༩༧༨ ལོར་གཏོད་ཡོད་ཀྱང་བོད་རང་སྐྱོང་ལྗོངས་སུ་ལག་བསྟར་བྱ་རྒྱུ་ཕྱིས་དྲགས་པ་ཞིག་རེད། (མི་དམངས་ཉིན་རེའི་ཚགས་པར། ༢༠༠༨ ལོའི་ཟླ་ ༡༠ ཚེས་ ༡ ཉིན།)

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གལ་ཆེའི་ལྟེ་གནས་ཤིག་ཡིན་པར་ངོས་འཛིན་བྱས་པ་ལྟར། དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་རྣམས་ཕལ་ཆེ་བ་རྒྱ་ནག་ཤར་ཕྱོགས་དང་དབུས་ཁུལ་དུ་གནས་ཡོད་ཀྱང་། (༢༠༡༠ Sogou Baike, ཟླ་ ༧ ཚེས་ ༡༧། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབྱོར་ལྷན་ཁང་ ཟླ་ ༦ ཚེས་ ༡༣) རྗེས་ནུབ་ཕྱོགས་ཞིང་ཆེན་ཁག་ཏུ་མགྱོགས་པོར་ཁྱབ་གདལ་དུ་ཕྱིན་ཡོད། [2] བོད་རང་སྐྱོང་ལྗོངས་སུ་འདས་པའི་ལོ་བཅུ་གཅིག་རིང་ཞིང་ཆེན་རིམ་པའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་བཞི་གསར་འཛུགས་བྱས་ཡོད། འོན་ཀྱང་ལྷ་སའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་ནི་ས་གནས་འདིའི་རྒྱལ་ཡོངས་རིམ་པའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གཅིག་པུ་དེ་ཡིན་པས། རྒྱ་ནག་གི་ནུབ་ཕྱོགས་ཀྱི་ཞིང་ཆེན་དང་ས་ཁུལ་གཞན་དང་བསྡུར་ན་རྗེས་ལུས་ཐེབས་ཡོད།[3]

དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གསར་འཛུགས་ཀྱི་སྲིད་བྱུས་དེར་གོང་རིམ་ནས་རྒྱབ་སྐྱོར་བྱས་པ་དེས་སྤྱི་ཡོངས་ཀྱི་དཔལ་འབྱོར་སྲིད་བྱུས་གལ་འགངས་ཆེན་པོ་ཞིག་ཡིན་པ་མཚོན་ཐུབ། དཔེར་ན། བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔ་རེའི་འཆར་གཞི་ཐེངས་ ༡༣ པའི་(༢༠༡༦-༢༠༢༡) ནང་གཞིས་ཀ་རྩེ་དང་ལྷོ་ཁའི་(བོད་རང་སྐྱོང་ལྗོངས་སྲིད་གཞུང་ ༢༠༡༨ ཟླ་ ༤ ཚེས་ ༤) ནང་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་འཛུགས་རྒྱུ་གསལ་ཡོད། དུས་མཚུངས་ནུབ་རྒྱུད་གསར་སྤེལ་ཚོགས་འདུ་དང་། བོད་ལྗོངས་མཐུན་སྦྱོར་བཅས་རྒྱ་ནག་དམར་ཤོག་ཚོགས་པའི་བོད་ཀྱི་སྲིད་བྱུས་ཐག་གཅོད་བྱེད་མཁན་གྱི་ཚོགས་པ་གཙོ་གྲས་ཁག་དང་། གཞན་ཡང་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་སྐབས་བསྟུད་མར་ལྷ་སར་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་འཛུགས་རྒྱུ་གལ་ཆེ་ཡིན་སྐོར་གསལ་འདོན་བྱས་ཡོད། (རྒྱལ་ཁབ་གོང་འཕེལ་དང་སྒྱུར་བཅོས་ཚོགས་ཆུང་ ༢༠༡༧ ཟླ་ ༡ ཚེས་ ༢༣ སྒྱུར་བཅོས་ཚེས་གྲངས་ ༢༠༡༠ ཟླ་དྲུག་པའི་ཚེས་ ༢༩) 

རེའུ་མིག་དང་པོ། བོད་རང་སྐྱོང་ལྗོངས་སུ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ།

མིང་ ས་གནས་ འཛུགས་ལོ་ བཟོ་གྲྭ་གཙོ་གྲས་ རིམ་པ། ས་ཁུལ།
(ཀིལོ་མི་ཊར་)
ཚོད་དཔག་མ་གནས་(རྒྱ་སྒོར)ས་ཡ
ལྷ་ས་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ།(国家级拉萨经济技术开发区) སྟོད་ལུང་བདེ་ཆེན་རྫོང་། ལྷ་ས་གྲོང་ཁྱེར། ༢༠༠༡ སོ་ནམ་དང་སྒོ་ཕྱུགས་ཐོན་སྐྱེད། ཡུལ་སྐོར་སྲོ་འཆམ། གསོལ་རྒྱུན་སྨན་དང་ལག་ཤེས། ཚད་མཐོའི་བཟོ་ལས་ཁང་། སྐྱེ་དངོས་རིག་པ། ནུས་ཤུགས་གསར་པ། རྒྱལ་ཁབ་རིམ་པ།
(国家级)
༡༢.༨ n/a
ཆབ་མདོ།
དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་
(昌都经济技术开发区)
ཆབ་མདོ་རྫོང་གསར་པ།
(昌都新区)
༢༠༡༣ ནུས་པ་གསར་པ།སྐྱེ་དངོས་སྨན། ཁོར་ཡུག་དང་མཐུན་པའི་འཛུགས་སྐྲུ ```html དངོས་ཆས། ས ```html ོ་ནམ་ཐོན་སྐྱེད་སྤུས་ཚད་བཅོས་སྒྱུར།་ཡུལ་སྐོར་སྤྲོ་འཆམ། མི་རིགས་ལག་ཤེས་ ཞིང་ཆེན་རིམ་པ་
(省家级)
༨.༡༨༤ c.25,00
ལྷོ་ཁ་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་
(山南市经济技术开发区)
རྩེ་ཐང་། (泽当镇) སྣེ་གདོང་རྫོང།
 (乃东区)
༢༠༡༨ སོ་ནམ་དང་སྒོ་ཕྱུགས་གསོ་སྐྱོང་། ཡུལ་སྐོར་སྤྲོ་འཆམ། མི་རིགས་ལག་ཤེས། ཞིང་ཆེན་རིམ་པ་
(省家级)
༢༥.༦༩ 389
གཞིས་ཀ་རྩེ་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་
(日喀则经济技术开发区)
བསམ་གྲུབ་རྩེ།
(桑珠孜区)
༢༠༡༩ སོ་ནམ་དང་སྒོ་ཕྱུགས་ཐོན་སྐྱེད་སྤུས་ཚད་བཅོས་སྒྱུར། འཐུང་ཆུ་་སྔོ་ཚལ་བཟོ་ལས་གཅེས་སྐྱོང་ཁང་འཐབ་བྱུས། བོད་སྨན་་ལག་ཤེས་ ཞིང་ཆེན་རིམ་པ་
(省家级)
༣༦.༣ 60,00
ཉིང་ཁྲི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་
(林芝经济开发区)
བྲག་ཡིབ་གྲ ```html

ོང་རྡལ་
(巴宜区)

༢༠༡༩ ཁོར་ཡུག་དང་མཐུན་པའི་ཡུལ་སྐོར་སྤྲོ་འཆམ། ནུས་ཤུགས་གཙང་མ། དེང་དུས་ཞབས་ཞུ། སྐྱེ་དངོས་འཕྲུལ་རིག་བཟོ་སྐྲུན་ས་གནས་སོ་ནམ་དང་སྒོ་ཕྱུགས་ཐོན་སྐྱེས་སྤུས་ཚད་བཅོས་སྒྱུར་ ཞིང་ཆེན་རིམ་པ་
(省家级)
༧.༡༡ 1,030

ཁུངས། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ ཕྱི་ཟླ་ ༤ ཚེས་ ༤ ༢༠༡༨ ཤོག་གྲངས་ ༤༨ ལྷ་ས་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་ བལྟས་པའི་དུས་ཚོད་ ཟླ་ ༦ ཚེས་ ༡༦ ཆབ་མདོ་སྲིད་གཞུང་་་སློབ་ཚན། བལྟས་པའི་དུས་ཚོད། ཟླ་ ༧ ཚེས་ ༡༦ ཤིང་ཧྭ། བལྟས་པའི་དུས་ཚོད། ཟླ་ ༧ ཚེས་ ཚེས་ ༡༧

དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་ཁག་ནི་ས་གནས་བཟོ་ལས་གཞིས་ཁག་དང་། ཞིང་པ་དང་འབྲོག་པའི་མཉམ་ལས་ཚོགས་པ་ལྟ་བུའི་གྲོང་གསེབ་ཚོང་ལས་ཁེ་ལས་ཁག་དང་མཉམ་དུ་ལས་དོན་འབྲེལ་མཐུད་བཟོ་རྒྱུར་དམིགས་པ་ཞིག་ཡིན།

(ལྷོ་ཁ་རྫོང་སྲིད་གཞུང་)

ཕྱི་ལོ་ ༢༠༡༨ ཟླ་ ༡༢ ཚེས་ ༢༠ བཟོ་ལས་གྲོང་རྡལ་དང་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གཉིས་ཀས་ས་གནས་ཀྱི་ཁྲལ་འབབ་(བོད་ལྗོངས་ཉིན་རེའི་ཚགས་པར། སྤར་ཆེད་“གཞུང་ཁོངས་མིན་པའི་དཔལ་འབྱོར་སྡེ་ཁག་” སྐྱེད་སྲིང་བྱ་རྒྱུའི་དམིགས་ཡུལ་བཟུང་ཞིང་། ཕྱི་ལོ་ ༢༠༡༨ ཟླ་ ༡༡ ཚེས་ ༢༩ ཀྲུང་གོའི་བོད་ལྗོངས།) གསར་འགྱུར་དྲ་བ། ༢༠༢༣ ཟླ་ ༡༠ ཚེས་ ༡༢ ཉིན། [4] དེ་འདྲའི་ཁེ་ལས་ཚོང་གཉེར་ཁང་འཕེལ་རྒྱས་བཏང་བའི་ཕུགས་དམིགས་ནི་རྒྱ་རིགས་ཀྱི་ཁེ་གཉེར་ཚོང་པ་མ་རྩ་འཇོག་བྱེད་མཁན་ཇེ་མང་དུ་གཏོང་རྒྱུ་རེད། བོད་རང་སྐྱོང་ལྗོངས་སུ་བཟོ་ལས་གྲོང་རྡལ་ ༧༤ ཡོད་པ་དང་། དེའི་བརྒྱ་ཆ་ ༧༥ ལྷ་སར་ཆགས་ཡོད། དེ་ནས་རིམ་བཞིན་ཉིང་ཁྲི་དང་གཞིས་ཀ་རྩེ། ལྷོ་ཁ་བཅས་སུ། ནག་ཆུ་དང་། ཆབ་མདོ། མངའ་རིས་བཅས་སུ་སོ་སོར་རེ་རེ་ལས་མེད། ས་བབ་ཆ་བགོས་འདི་ལྟར་བྱས་པ་དེས་ “དཔལ་འབྱོར་ས་ཁུལ་དབུས་མ་”ཞེས་པ་དེ་སྔའི་སྲིད་གཞུང་གི་སྲིད་བྱུས་དེར་གཙོ་བོར་དམིགས་པ་མངོན་ཐུབ། [5]

ལྷ་ས་དང་ལྷོ་ཁ་གྲོང་ཁྱེར་གཉིས་ལ་གཞི་རྩར་བཟུང་སྟེ། ནུབ་ཕྱོགས་ཀྱི་གཞིས་ཀ་རྩེ་དང་ཤར་ཕྱོགས་ཀྱི་ཆབ་མདོ་བཅས་དང་འབྲེལ་མཐུད་བྱེད་པའི་ “གྲོང་ཁྱེར་ལྔ་དང་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱ་”(五城三小时经济圈)ཞེས་པའི་འཆར་གཞི་ཁག་ཅིག་ཀྱང་དེའི་ཁོངས་སུ་གཏོགས། (ས་ཁྲ་དང་པོ། ཤིན་ཧྭ། ཟླ་ ༥ པའི་ཚེས་ ༣༠) ས་ཁུལ་ཟླ་སྒྲིལ་གྱི་འཆར་གཞི་འདི་ནི་ ༢༠༡༨ ལོར་འགོ་བཙུགས་ཤིང་། ཕྱི་ལོ་ ༢༠༢༥ ལོར་ལག་བསྟར་རིམ་པ་གཉིས་པ་མཇུག་སྒྲིལ་རྒྱུ་ཡིན་པ་དང་། མཚོ་བོད་མེ་འཁོར་ལྕགས་ལམ་གྱི་ལས་གཞིའི་ཁོངས་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལས་གཞི་མཇུག་སྒྲིལ་བ་བརྒྱུད། ལྕགས་ལམ་འབྲེལ་མཐུད་ཡར་རྒྱས་གཏོང་རྒྱུ་མ་ཟད། གཞུང་ལམ་དང་མཁའ་ལམ་རྨང་གཞིའི་མཐུན་རྐྱེན་ཡང་ཡར་རྒྱས་གཏོང་རྒྱུ་ཡིན། (བོད་རང་སྐྱོང་ལྗོངས་སྲིད་གཞུང་། ༢༠༡༨ ཟླ་ ༤ ཚེས་ ༤ དང་། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ ༢༠༡༨ ཟླ་ ༢ པ།) ས་གནས་འཆར་འགོད་རིམ་པའི་ཐོག་ནས་ལས་གཞི་འདི་དང་ལས་འགུལ་འབྲེལ་མཚུངས་དེ་དག་ནི་ས་གནས་ཀྱི་ཡོང་འབབ་དང་འཕེལ་རྒྱས་གོང་མཐོར་གཏོང་རྒྱུར་གལ་འགངས་ཆེ། ལྷ་ས་དང་ལྷོ་ཁའི་མི་འབོར་སྤྱི་བསྡོམས་བོད་རང་སྐྱོང་ལྗོངས་ཀྱི་མི་འབོར་བརྒྱ་ཆ་ ༤༡ ཟིན་པ་དང་། ས་གནས་འདི་གཉིས་ཀྱིས་ནང་འབྲུ་ཐོན་སྐྱེད་ཁྱོན་བསྡོམས་ཀྱི་བརྒྱ་ཆ་ ༤༨ དང་། ཡོང་འབབ་ཁྱོན་བསྡོམས་ཀྱི་བརྒྱ་ཆ་ ༥༨་༨ ཞལ་འདེབས་འབུལ་གྱི་ཡོད། (བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་བསྐྱར་བཅོས་ཨུ་ཡོན་ལྷན་ཁང་། ༢༠༡༨) མི་འབོར་འདི་ནི་ ༢༠༡༦ ལོ་ནས་བཟུང་ནག་ཆུ་ནས་ལྷ་ས་དང་། ཉིང་ཁྲི། ལྷོ་ཁ་བཅས་སུ་ཞིང་པ་དང་འབྲོག་པ་གནས་སྤོ་བྱས་པ་ལ་བརྟེན་ནས་ཇེ་མང་དུ་ཕྱིན་ཡོད། (འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པ། ཟླ་ ༥ པའི་ཚེས་ ༢༡)

༢༠༡༤ ལོ་ནས་བཟུང་ “དམའ་རིམ་ས་ཁོངས་ཟླ་སྒྲིལ་” ཐོག་དམིགས་བསལ་དོ་སྣང་བྱས་པ་ནས་བཟུང་གྲོང་ཁྱེར་གསར་པའི་འཛུགས་སྐྲུན་དང་། ཕྱིར་ཚོང་རྒྱ་སྐྱེད། ལྷག་པར་ས་གནས་མི་རིགས་ཀྱི་ལག་ཤེས་བཟོ་ལས་དང་། སྒོ་ཕྱུགས་གསོ་སྐྱོང་། སྲོལ་རྒྱུན་སྨན་གྱི་ཐོག་མ་རྩ་ཧ་ཅང་ཆེ་རུ་བཏང་ཡོད། མེ་འཁོར་ལྕགས་ལམ་འཛུགས་སྐྲུན་ཕུད། ལས་གཞི་གཞན་དག་གི་ཁྲོད་དུ་གོང་དཀར་རྒྱལ་སྤྱིའི་གནམ་ཐང་(དེ་ནི་ལྷ་ས་དང་ལྷོ་ཁ་གཉིས་ཀྱིས་ཐུན་མོང་སྟངས་འཛིན་) དང་། གཞུང་ལམ་ཨང་ G560 དང་། གཞུང་ལམ་ཨང་ G349 བཅས་དང་། S5 མྱུར་བགྲོད་གཞུང་ལམ་བཅས་རྒྱ་བསྐྱེད་བྱེད་པ་སོགས་ཚུད་ཡོད།

རྒྱལ་མཚམས་གྲོང་ཁྱེར་གྱི་འཕེལ་རྒྱས་དེ་བོད་རང་སྐྱོང་ལྗོངས་ཀྱི་ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི་ནང་གསལ་བ་ལྟར་གལ་གནད་ཆེ་བའི་སྲིད་བྱུས་གཞན་ཞིག་རེད། དེ་ཁོངས་མངའ་རིའི་སེང་གེ་ཁ་བབ་(狮泉河镇) དང་། སྤུ་ཧྲེང་གྲོང་ཁྱེར།(普兰真) གཞིས་ཀ་རྩེ་ཁུལ་གྱི་གྲོ་མོ་ (亚 东) ལྷོ་ཁའི་ལྷུན་རྩེ་གྲོང་ཁྱེར་ (隆子镇) དང་སྨན་གླིང་གྲོང་ཁྱེར་(米林市) སོགས་ཚུད་ཡོད། ༢༠༡༣ ལོ་ནས་བཟུང་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུའི་འབད་བརྩོན་གྱི་ཆ་ཤས་སུ། སྲིད་གཞུང་གིས་རྫོང་རིམ་པའི་སྡེ་ཚན་མང་པོ་ཞིག་གྲོང་ཁྱེར་གྱི་གནས་བབ་ལ་སྤར་ཡོད། དེ་ནི་དབུས་གཞུང་གིས་ས་གནས་སྲིད་གཞུང་ལ་ཐོན་ཁུངས་འཕེལ་རྒྱས་དང་འཛིན་སྐྱོང་དབང་ཚད་ཆེ་རུ་གཏོང་ཆེད་རེད། [6]

རྒྱལ་མཚམས་གྲོང་ཁྱེར་འདི་དག་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྒྱ་གར་དང་། བལ་ཡུལ། འབྲུག་ཡུལ་བཅས་ཀྱི་ས་མཚམས་སུ་བཟོས་པའི་ས་མཚམས་ཚོང་རིའི་སྒོ་ཁའི་འགྲམ་དུ་བཙུགས་པ་མ་ཟད། གཞིས་ཀ་རྩེ་དང་ལྷོ་ཁའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གསར་པའི་ཉེ་འགྲམ་དུའང་བཙུགས་ཡོད། དེང་སྐབས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ས་མཚམས་ཚོང་རའི་སྒོ་ཁ་ལྔ་ཡོད་དེ། གཞིས་རྩེ་ས་ཁུལ་གྱི་གཉའ་ལམ་རྫོང་གི་རྫང་མུ་དང་། སྐྱིད་རོང་རྫོང་གི་སྐྱིད་རོང་། དིང་རི་རྫོང་གི་རི་བོ་བཅས་བལ་ཡུལ་དང་འབྲེལ་བའི་ས་མཚམས་འགྲིམ་འགྲུལ་གྱི་སྒོ་ཁ་གསུམ་དང་། མངའ་རིས་ས་ཁུལ་གྱི་སྤུ་ཧྲེང་རྫོང་བཅས་རྒྱ་གར་དང་འབྲེལ་བའི་ས་མཚམས་ཚོང་རའི་སྒོ་ཁ་གཅིག རྒྱ་གར་དང་འབྲུག་ཡུལ་བཅས་དང་འབྲེལ་བའི་གཞིས་རྩེ་ས་ཁུལ་གྱི་གྲོ་མོ་རྫོང་ས་མཚམས་ཚོང་རའི་སྒོ་ཁ་གཅིག་བཅས་ཡོད།(བོད་ལྗོངས་བརྙན་འཕྲིནཟླ་བ་བདུན་པའི་ཚེས་ ༥) རྒྱ་དཀར་ནག་གི་ས་མཚམས་ཚོང་རའི་སྒོ་ཁ་དེ་དག་ས་མཚམས་རྩོད་རྙོག་ལ་བརྟེན་ནས་བེད་མེད་དུ་ཕྱིན་ནས་ད་ཆ་ཚོང་འབྲེལ་ཞན་པོ་ཆགས་ཡོད་ཀྱང་། རྒྱ་ནག་དང་བལ་ཡུལ་ས་མཚམས་ཀྱི་ཚོང་འབྲེལ་མུ་མཐུད་ཚགས་ཚུད་ངང་གནས་ཡོད། 

དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་དང་བཟོ་ལས་གཞིས་ཁག་གིས་ཕྱི་འཚོང་སོ་ནམ་ཐོན་སྐྱེད་ལས་རིགས་དང་། ལག་ཤེས་བཟོ་སྐྲུན། སྲོལ་རྒྱུན་བོད་སྨན་བཅས་ལ་དམིགས་འཛུགས་བྱེད་བཞིན་ཡོད། བོད་རང་སྐྱོང་ལྗོངས་ནང་བཟོ་ལས་ལྕི་བ་དང་འཕྲུལ་ཆས་མཐོ་རིམ་གྱི་བཟོ་ལས་ནི་ལྷ་སའི་རྒྱལ་ཡོངས་རིམ་པའི་དཔལ་འབྱོར་དང་འཕྲུལ་རིག་ལག་རྩལ་གོང་འཕེལ་ས་ཁུལ་ཁོ་ནའི་ནང་དུ་ཡོད། ཞིང་འབྲོག་མཉམ་འབྲེལ་བཟོ་ལས་རྩ་འཛུགས་ཐོག་དམིགས་འཛུགས་བྱེད་པ་དེ་ནི་མངོན་གསལ་ཅན་ཞིག་ཡིན། གང་ཡིན་ཟེར་ན། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་སྲིད་གཞུང་གིས་སྒོ་ཕྱུགས་གསོ་སྐྱོང་གི་ལས་རིགས་ཚོང་ལས་ཅན་དུ་བསྒྱུར་བ་དང་། ༢༠༠༩ ལོ་ནས་བཟུང་ཞིང་པ་དང་འབྲོག་པའི་མཉམ་ལས་ཚོགས་པ་(农牧区合作组织)གཏན་འབེབས་ངང་གསར་འཛུགས་བྱས་ཡོད། (བོད་རང་སྐྱོང་ལྗོངས་སྲིད་གཞུང་། ༢༠༢༡ ལོའི་ཟླ་ ༨ ཚེས་ ༡༩ ཉིན།)

ས་ཁྲ་དང་པོ། གྲོང་ཁྱེར་ལྔ་དང་ཆུ་ཚོད་གསུམ་གྱི་དཔལ་འབྱོར་འཁོར་རྒྱའི་འཆར་གཞིའི་ས་ཁྲ། (五城三小时经济圈)

ཁུངས་། བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན།

རྒྱ་ཧན་མི་རིགས་གནས་སྡོད་ས་ཁུལ་ལ་དམིགས་ནས་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་འཛུགས་སྐྲུན།

རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༧༨ ལོ་ཙམ་ནས་རྒྱ་ནག་གི་མཚོ་འགྲམ་ས་ཁུལ་ཁག་ཏུ་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་འཛུགས་སྐྲུན་གྱི་འཐབ་བྱུས་དེ་བོད་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་རིམ་པའི་ནང་ཤུགས་གནོན་འཕར་མ་བརྒྱག་རྒྱུའི་ཐག་གཅོད་དེ་ནི་སྲིད་གཞུང་གི་དཔལ་འབྱོར་གྱི་སྲིད་བྱུས་གཙོ་གནད་ཁག་རྒྱ་བསྐྱེད་པ་མཚོན། ཞི་ཅིན་ཕིང་གི་འགོ་ཁྲིད་འོག བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་སྲིད་ཇུས་ཀྱི་དམིགས་འབེན་གཙོ་བོ་ནི། ས་མཚམས་ཀྱི་གྲོང་གསེབ་ཁག་གྲོང་ཁྱེར་ཅན་དུ་བསྒྱུར་རྒྱུ་དང་། འཛུགས་སྐྲུན་ལས་གཞི་དང་ཚོང་འབྲེལ་རྒྱ་སྐྱེད། བལ་ཡུལ་ས་མཚམས་དང་འབྲེལ་མཐུད་བཅས་ཡིན། དམིགས་ཡུལ་དེའི་འོག་ནས་ས་གནས་ཀྱི་འཕེལ་རྒྱས་དང་ས་མཚམས་བརྟན་ལྷིང་ཡོང་ཐབས་བྱས་ཡོད། (ཤིང་ཧྭ། ཟླ་ ༨ ཚེས་ ༢༩ ༢༠༢༠ མི་དམངས་ཉིན་རེའི་བརྙན་འཕྲིན་གསར་འགྱུར། ཟླ་ ༨ ཚེས་ ༢༦ ༢༠༡༥) བརྒྱུད་རིམ་དེའི་ཁྲོད་ཞིང་ཆེན་གྱི་འགོ་ཁྲིད་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་རིང་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཚོང་གནས་བབ་གོང་འཕེལ་གཏོང་ཆེད་སྲིད་གཞུང་གི་བཀོད་ཁྱབ་མཇུག་འདེད་བྱས་ཡོད། (ཧི་མ་ལ་ཡའི་ཉམས་ཞིབ་ལྟེ་གནས། ཟླ་ ༣ པར་གཟིགས།)

འོན་ཀྱང་སྲིད་བྱུས་འདི་དག་གིས་གནོད་སྐྱོན་ཡང་བཏང་ཡོད། སྲིད་གཞུང་གིས་འཚོ་སྣོན་རོགས་དངུལ་ཕོན་ཆེ་བཏང་བ་དང་། རྒྱ་ཧན་མི་རིགས་ཀྱིས་ས་གནས་བོད་མིའི་(སོ་ནམ་དང་འབྲོག་ལས་ཚན་པ་) ལས་གཞན་པའི་དཔལ་འབྱོར་གྱི་ཁོར་ཡུག་ཐོག་དབང་སྒྱུར་བྱས་པ་དང་། ས་གནས་བོད་རིགས་གྲངས་ཉུང་ཅན་དུ་བསྒྱུར་བ་དེས་ས་གནས་ཀྱི་དཔལ་འབྱོར་ལ་གནོད་གཞི་བཟོ་རྒྱུ་མ་ཟད། སྤྱི་ཚོགས་བདེ་འཇགས་ལའང་དོ་ཕོག་བཟོ་ཉེན་ཡོད། སྲིད་གཞུང་གིས་ལས་འཆར་གསར་པ་དེ་དག་གིས་དཀའ་ངལ་ཇེ་སྡུག་ཏུ་གཏོང་སྲིད། ལྷག་པར་བཟོ་ལས་གྲོང་རྡལ་གྱི་ས་ཁུལ་རྒྱ་སྐྱེད་གཏོང་བཞིན་པ་དེ་དག་ནི་རྒྱ་ཧན་མི་འབོར་འཕེལ་རྒྱས་འགྲོ་བཞིན་པ་དེར་དམིགས་ནས་ལག་བསྟར་བྱས་པ་ཞིག་རེད།

བོད་ནང་གི་མི་འབོར་སྤྱི་ཚོགས་ཚན་རིག་པ་མ་རོང་ (马荣) གིས། བོད་རང་སྐྱོང་ལྗོངས་ཁྱོན་ཡོངས་དང་ལྷག་པར་ས་ཁུལ་ཁག་ཅིག་ནང་རྒྱ་ཧན་མི་རིགས་འཕེལ་རྒྱས་ཕྱིན་པ་ངོས་འཛིན་བྱས་ཡོད། མངའ་རིས་སྟོད་ཀྱི་སྒར་རྫོང་ནང་རྒྱ་རིགས་མི་འབོར་བརྒྱ་ཆ་ ༡༠ ནས་ ༣༠ བར་དང་། གཞིས་ཀ་རྩེའི་གཉའ་ལམ་དང་གྲོ་མོ་ནང་ཕྱི་ལོ་ ༡༩༩༠ ནས་ ༢༠༠༠ འགོ་སྟོད་བར་རྒྱ་རིགས་མི་འབོར་བརྒྱ་ཆ་ ༥ ནས་ ༡༠ བར་ཡོད་པ་ [7] འོན་ཀྱང་ཚོད་དཔག་འདི་དག་གིས་བོད་ཀྱི་ས་ཁུལ་ནང་རྒྱ་རིགས་འཕྲལ་སེལ་ལས་མི་གནས་སྤོ་བ་དང་ཚོང་ལས་ཙག་ཙིག་གཉེར་མཁན་གྱི་ “འགུལ་སྐྱོད་མི་འབོར་”(流动人口)ཁག་གྲངས་ཐོའི་ནང་མེད། རྒྱ་ཧན་མི་རིགས་ཀྱི་གྲངས་འབོར་དེ་ཚོད་དཔག་དམའ་པོ་ཞིག་རེད། ཉེ་ལམ་སྤེལ་ཐེངས་མཐའ་མའི་གཞུང་འབྲེལ་སྤྱི་ཚོགས་དང་དཔལ་འབྱོར་ཞིབ་བཤེར་གྱི་གྲངས་ཐོའི་ནང་། ཉིང་ཁྲི་གྲོང་ཁྱེར་གྱི་སྦ་ཡི་ཆུས་ནང་རྒྱ་རིགས་མི་འབོར་(བརྒྱ་ཆ་ ༣༩ ཙམ་ཟིན་པ་) [8] དང་། མངའ་རིས་སྟོད་ཀྱི་སྒར་རྫོང་དུ་རྒྱ་རིགས་མི་འབོར་(བརྒྱ་ཆ་ ༥༧ ཙམ་ཟིན་ཡོད་)ལྟ་བུའི་གྲོང་ཁྱེར་ས་གནས་བྱེ་བྲག་པ་ཁག་ཏུ་རྒྱ་རིགས་མི་འབོར་གྲངས་མང་ཆགས་ཟིན་པའམ་ཆགས་ལ་ཉེ་བར་ངོས་འཛིན་བྱས་ཡོད། (རྒྱལ་ཡོངས་མི་འབོར་གྲངས་ཐོ་ཞིབ་བཤེར་ལས་ཁུངས་ ༢༠༡༩) [9]

དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གསར་འཛུགས་བྱས་པ་དེ་དཔལ་འབྱོར་གྱི་ཐབས་བྱུས་ངེས་ཅན་ཞིག་མཚོན་ནའང་གྲུབ་འབྲས་ཐོན་པར་དུས་ཚོད་འགོར་རྒྱུ་རེད། དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་ནི་ཕྱི་ཚོང་འཕེལ་རྒྱས་ལ་དམིགས་ཀྱང་རྒྱ་གར་དང་ས་མཚམས་རྩོད་རྙོག་མུ་མཐུད་གནས་རྐྱེན་བོད་རང་སྐྱོང་ལྗོངས་ཀྱི་ཕྱི་ཚོང་ད་ལྟའི་ཆར་བལ་ཡུལ་གཅིག་པུར་ཚད་བཀག་བྱས་ཡོད། བར་དེར་བོད་རང་སྐྱོང་ལྗོངས་དང་རྒྱ་ནག་གི་ཞིང་ཆེན་གཞན་དབར་མཐུད་རྒྱུའི་མེ་འཁོར་ལྕགས་ལམ་དང་གཞུང་ལམ་འཛུགས་སྐྲུན་ལས་གཞིར་དཀའ་ངལ་འཕྲད་སྟབས་བོད་དང་རྒྱ་ནག་གི་ཞིང་ཆེན་གཞན་ཟླ་སྒྲིལ་གཏོང་རྒྱུའི་ལས་གཞི་དེ་ད་དུང་དུས་ཚོད་རིང་པོ་འགོར་རྒྱུ་ཡིན་པར་མངོན་ཐུབ།

སྐུ་ཞབས་དེ་ཝེནྡྲ་ལགས་ནི་རྒྱ་གར་རྒྱལ་ས་ལྡི་ལིའི་ཁུལ་གྱི་ཤིབ་ན་དར་མཐོ་རིམ་སློབ་གཉེར་ཁང་གི་ཧི་མ་ལ་ཡའི་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་ལས་རོགས་ཤིག་ཡིན།

མཆན།

[2] ཕྱི་ལོ་ ༢༠༢༢ ལོར་བཏོན་པའི་རྒྱལ་ཡོངས་རིམ་པའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གྱི་གྲངས་ཐོ་ ༢༣༠ ཁོངས་ནས་་ས་ཁུལ་གྲངས་ ༡༠༤ ཕྱི་ལོ་ ༢༠༡༠ རྗེས་ལ་བཙུགས་པ་རེད། 

[3] དེ་ལས་ལྡོག་སྟེ་ནུབ་ཁུལ་གྱི་ཞིང་ཆེན་ས་ཁུལ་གཞན་ནང་རྒྱལ་ཡོངས་རིམ་པའི་དཔལ་འབྱོར་དང་འཕྲུལ་རིག་གོང་འཕེལ་ས་ཁུལ་གྲངས་མང་བ་ཡོད། ཤིང་ཅང་། (༩) ཉིང་ཁྲི་ (༢) མཚོ་སྔོན། (༢) ཀན་སུ་(༥) ཤང་ཟི་(༥)

ཁྲོང་ཆིན་ (༣) ཡུ་ནན་(༥) སི་ཁྲོན་(༨) རྒུའི་ཀྲའོ། (༢)

[4] བོད་རང་སྐྱོང་ལྗོངས་ནང་ཚད་མཐོའི་འཕྲུལ་རིག་གོང་འཕེལ་ས་ཁུལ་གཉིས་ཡོད། ༢༠༢༢ ལོར་ལྷ་སའི་ནང་རྒྱལ་ཡོངས་རིམ་པའི་ཚད་མཐོའི་འཕྲུལ་རིག་གོང་འཕེལ་ས་ཁུལ་གཅིག་བཙུགས་པ་དང་། ཆབ་མདོའི་ [MOST] ནང་ཞིང་ཆེན་རིམ་པའི་ཚད་མཐོའི་འཕྲུལ་རིག་གོང་འཕེལ་ས་ཁུལ་གཅིག་ཕྱི་ཟླ་ ༡ ཚེས་ ༢༨ ཉིན་བཙུགས་ཡོད།

༢༠༡༣ བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན། ཕྱི་ཟླ་ ༡༡ ཚེས་ ༡༠ ༢༠༢༣ 

[5] Liu, Gang 刘刚 & Shen, Lei 沈镭. Xizang chanye jingji buju yu youhua tiaozheng zelue chutan 西藏产 业经济布局与优化调整策略初探 [Xizang’s Industrial Economy Distribution and Adjusted & Optimized Strategy]. Beijing: Ziyuan kaifa yu shichang, 2007.

[6] གནས་སྟངས་དེའི་ཐོག་ནས་ཀྱང་བོད་རང་སྐྱོངས་ལྗོངས་ཀྱི་ས་ཁུལ་དེ་མི་འདྲ་བ་ཞིག་ཡིན། རྒྱལ་ནང་ཞིང་ཆེན་གྱི་གྲོང་གསེབ་ས་ཁུལ་གྱི་འཛིན་སྐྱོང་ཚན་པ་གྲོང་ཁྱེར་ཅན་དུ་སྒྱུར་རྒྱུའི་ཚད་གཞི་དེ་དུས་རབས་ཉེར་གཅིག་པའི་བཅུ་ཕྲག་དང་པོའི་ནང་དལ་དུ་ཕྱིན་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ཀྱི་ནང་ ༢༠༡༣ ནས་འཕེལ་རྒྱས་མགྱོགས་ཚད་འཕར་ཡོད། གྲོང་གསེབ་ཀྱི་འཛིན་སྐྱོང་ཚན་པའི་གནས་ཚད་དེ་གྲོང་ཁྱེར་གྱི་གནས་ཚད་ཐོག་སྤར་རྒྱུའི་སྲིད་བྱུས་དེར་ཕན་ཚུན་འབྲེལ་ལམ་འཕེལ་རྒྱས་ཀྱི་དམིགས་ཡུལ་ངེས་ཅན་ཁག་ཅིག་ཡོད། ས་གནས་རྫོང་རིམ་པའི་གྲོང་ཁྱེར་ཁག་ལ་ཁྲལ་འདུ་དང་། འཆར་འགོད་དང་འཛིན་སྐྱོང་གི་དབང་ཆ་ཆེ་བ་ཡོད། ཕྱི་ལོ་ ༢༠༡༣ ནས་ཞིང་ཆེན་དང་རྫོང་མང་པོའི་འཛིན་སྐྱོང་ཚན་པའི་གནས་ཚད་སྤར་ནས་གྲོང་ཁྱེར་རིམ་པའི་གནས་ཚད་དང་མཉམ་པ་བཟོས་ཡོད། ༢༠༡༤ ལོར་ཆབ་མདོ་དང་གཞིས་ཀ་རྩེ་གྲོང་ཁྱེར་གྱི་གནས་ཚད་ཐོག་གནས་སྤར་དང་། ཉིང་ཁྲི་ ༢༠༡༥ ལོར་གནས་སྤར་བྱས། ལྷོ་ཁ་ ༢༠༡༦ ལོར་གནས་སྤར་དང་། ནག་ཆུ་ ༢༠༡༨ ལོར་གནས་སྤར། རྫོང་ལ་མཚོན་ན་སྨན་གླིང་རྫོང་དང་མཚོ་སྣ་རྫོང་ ༢༠༢༢ ལོར་གྲོང་ཁྱེར་རིམ་པར་གནས་སྤར་བྱས་ཡོད། དེའི་ཐོག་སྟོད་ལུང་བདེ་ཆེན་དང་། སྟག་རྩེ་རྫོང་བཅས་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་གྲོང་ཚོ་བརྒྱད་གནས་སྤར་བྱས་ཡོད། ཉིང་ཁྲིའི་བྲག་ཡིབ་གྲོང་རྡལ་བཅས་ཡིན།

[8] མི་འབོར་གྲངས་བཤེར་ཐེངས་བདུན་པའི་སྐབས་ཉིང་ཁྲིའི་མི་འབོར་ཁྱོན་ ༢༣༨,༩༣༦ ཡོད་པ་ལས། མི་འབོར་དེ་ཁོངས་ནས་བརྒྱ་ཆ་ ༢༥ (མི་གྲངས་ ༥༨ ༩༨༣) རྒྱ་རིགས་ཧན་ཡིན་པ་དང་། འདི་ནི་ ༢༠༡༠ ལོར་མི་འབོར་གྲངས་བཤེར་ཐེངས་དྲུག་པའི་སྐབས་རྒྱ་ཧན་མི་རིགས་ཀྱི་གྲངས་འབོར་ ༢༥༡༦༢ ལས་མེད་སྟབས་རྒྱ་རིགས་མི་འབོར་གྱི་གྲངས་ཚད་ཧ་ཅང་འཕར་བ་ཞིག་རེད། (ཉིང་ཁྲི་རྫོང་སྲིད་གཞུང་ ཕྱི་ཟླ་ ༦ ཚེས་ ༡༧ ༢༠༢༡)

[9] མི་འབོར་གྲངས་ཚད་ཏག་ཏག་ཅིག་ཤེས་རྒྱུར་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད། མི་འབོར་ཞིབ་བཤེར་སྐབས་ཁྱིམ་ཚང་གི་གནས་སྟངས་འདྲ་མིན་ཆ་བགོས་བྱེད་དགོས་དཔེར་ན། སྤྱི་ཚོགས་དང་དཔལ་འབྱོར་གྱི་གནས་སྟངས་རྟོག་ཞིབ། གཞན་ཡང་གྲངས་ཐོ་རིམ་པ་གཞན་ཁག་ཡོད་སྟབས་དཀའ་ངལ་མུ་མཐུད་འཕྲད་བཞིན་ཡོད།  མི་འབོར་ཐོ་འགོད་དང་། ཁྱིམ་ཐོ་གྲངས་བཤེར་ནང་འཁོད་པ། གཏན་འཇགས་གྲངས་ཐོ་བཅས་དབར་མི་འདྲ་བའི་ཁྱད་པར་ཡོད། ས་གནས་མི་འབོར་ཁར་ཕྱི་ནས་ནང་དང་ནང་ནས་ཕྱི་རུ་འགྲུལ་བཞུད་བྱེད་མཁན་ས་གནས་སུ་གཏན་འཇགས་མ་ཡིན་མཁན་རིགས་གཅིག་ཡོད། དེ་དག་སྣོན་འཕྲི་བྱེད་སྐབས་བར་གད་ཧ་ཅང་ཆེ། དཔེར་ན་རྫོང་རིམ་པའི་ལོ་འཁོར་མི་འབོར་ཞིབ་བཤེར་གྲངས་ཐོ་ལྟར་ན་་སྒར་རྫོང་སེང་གེ་ཁ་བབ་གྲོང་ཁྱེར་གྱི་གཏན་འཇགས་མི་འབོར་གྲངས་ ༥༤༩༤༧ ཡོད་པ་ཕྱི་ལོ་ ༢༠༡༧ ལོར་ཤེས། འོན་ཀྱང་ཕྱི་ལོ་ ༢༠༡༩ ལོར་ཐོ་འགོད་བྱེད་མཁན་མི་འབོར་གྲངས་ ༡༣༤༠༠ ཡོད། བར་གད་མི་གྲངས་ ༤༠༠༠༠ ལྷག་བྱུང་འདུག ད་དུང་མི་འབོར་གྲངས་བཤེར་ཐེངས་བདུན་པའི་སྐབས་གཏན་འཇགས་མི་འབོར་གྲངས་ ༢༤༡༡༢ འཁོད་པ་དེས་ད་དུང་མགོ་རྙོག་ཆེ་རུ་བཟོས་ཡོད། རྒྱལ་ཡོངས་མི་འབོར་ཞིབ་བཤེར་ཁང་གི་གྲངས་ཐོར་གཟིགས་རོགས། རྒྱ་ནག་རྫོང་མི་འབོར་ཞིབ་བཤེར་ལོ་འཁོར་གྲངས་ཐོ། གྲང་གསེབ་དང་གྲོང་ཁྱེར་དཔར་མ།


Orginal: Devendra Kumar. 2024. Economic and Technological Zones: Economic Strategy in the Tibet Autonomous RegionChinaBrief. Volume 24. Issue 15. 26 July.
Translated by Ngawang 

About the Author: Dr. Devendra Kumar is an Associate Fellow, at the Centre of Excellence for Himalayan Studies, Shiv Nadar Institution of Eminence, Delhi NCR. He can be reached at [email protected]